Привет всем!
Ищу переводчика с тибетского небольшого текста подношения санга:

༄༅། །མནོལ་བསང་དང་། གྲིབ་བསང་གཉིས་བཞུགས་སོ།

ཨ་མྲི་ཏས་བསངས། ཨོཾ་སྭ་བྷ་ལྭས་སྟོང་བར་སྦྱངས ། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་ བའི་ནང་དུ་ཚན་ལྡན་ཨ་ཀ་རུ་བུ་རུ་སྐྱོར་མོ་ལུང་པ་སོགས་པ་མནོལ་བ་སེལ་བྱེད་ཀྱི་རྫེས་རྣམས་དྭངས་ཤིང་ཐོགས་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར ། ཨོཾ་ཨཱཿཧཱུཾ །ལན་གསུམ་བརྗོད ། ཀྱེ་ཆོས་རྣམས་རང་བཞིན་ཀུན་བྲལ་ཡང་། ། རྨི་ལམ་བཞིན་དུ་ནོངས་བ་གང་། ། བསང་དང་བསང་བྱ་བསང་ཡུལ་སོགས ། ། རང་བཞིན་དག་པའི་དབྱིངས་སུ་བསང་། །མི་གཙང་ ཟོས་ཤིང་གྱོན་པ་དང་། ། སྐུ་གསུང་ཐུགས་དང་འགལ་བགྱིས་བསང་ ། །དམ་གྲིབ་འཁོར་གྲིབ་བཙོག་གྲིབ་བསང་།། བཤད་གྲིབ་ཡུག་གྲིབ་བག་གྲིབ་བསང་ ། ། མཛེ་གྲིབ་ཐབ་གཞོབ་མནོལ་ཤོར་སོགས་ ། ། ལྷ་མི་ཡོངས་ལ་གྲིབ་ཕོག་པ། ། མ་ལུས་བསངས་ཀྱི་་་མཆོད་པས་བསང་།། བསང་གྱིས་མི་བསང་གང་ཡང་མེད ། ། མི་གཙང་བ་ནི་ཐམས་ཅད་བསང་། ། མི་མཐུན་བར་ཆད་ཞི་བ་དང་། །ཚེ་ དང་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་དབང་དུ་འདུས་པ་དང་། ། ཅི་བསམས་ལྷུན་གྱིས་གྲུབ་པར་མཛོད། ། ཅེས་པ་འདི་ནི་པ࿄་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྤྱར་བའོ ། ། ༄༅ ། ། ཀྱེ་དེ་རིང་དམ་གྲིབ་ཐམས་ཅད་བསང་། ། དེ་རིང་འཁོར་གྲིབ་ཐམས་ཅད་བསང་། ། དེ་རིང་རོ་གྲིབ་ཐམས་ཅད་བསང་།། ཟས་ངན་ཁ་རུ་ཟོས་པ་བསང་། ། གོས་བཙོག་ལུས་ལ་གྱོན་པ་བསང་། ། གསོན་པོའི་འགོམ་ཡུག་ཕོགས་པ་བསང་། ། ཤི་བའི་རོ་གྲིབ་ཐོགས་པ་བསང་། ། མི་གཙང་ ཡུག་གྲིབ་ཕོགས་པ་བསང་། ། བྱད་ཁ་ངན་ གྲིབ་ཕོགས་པ་བསང་།།བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཆོས་དང་ལོངསསྤྱོད་ཕུན་སུམ་ཚོགས ། ། མི་མིན་གནོད་པ་ཐམས་ཅད་ཟློག །བསམ་པ་ཆོས་བཞིན་གྲུབ་པར་མཛོད ། །ཅེས་པ་འདི་ནི་ཆུ་བཟང་རིན་པོ་ཆེའི་མཛད་པའོ། །རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ནས་ཤེས་རབ་གསུང་རབ་དངོས་འདུལ་ཁང་གིས་དཔར་དུ་བསྐྲུན་པའོ།

Не знаю сколько этакой перевод стоит, поэтому, пишите, пожалуйста в личку свои предложения