RSS лента

Кунсанг

Шикшатрая нама сутра

Рейтинг: 3.00. Голосов: 2.
བསླབ་པ་གསུམ་གྱི་མདོ།
།།རྒྱ་གར་སྐད་དུ། ཤཱི་ཀྵ་ཏྲ་ཡ་ནཱ་མ་སཱུ་ཏྲ། བོད་སྐད་དུ། བསླབ་པ་གསུམ་གྱི་མདོ་ཞེས་བྱ་བ།
སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་ཡུལ་སྤོང་བྱེད་ན། ལྗོངས་རྒྱུ་ཞིང་གཤེགས་པ་དང༌། གྲོང་སྤྱིལ་བུ་ཅན་དུ་བྱོན་ཏེ།
གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་སཱ་ལའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།
།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག །འདི་དག་ནི་ཚུལ་ཁྲིམས་ཡིན་ནོ།
།འདི་ནི་ཏིང་ངེ་འཛིན་ཡིན་ནོ། །འདི་ནི་ཤེས་རབ་ཡིན་ནོ། །དགེ་སློང་དག །ཚུལ་ཁྲིམས་ལ་གོམས་པར་བྱས་ན།
ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར།
ཤེས་རབ་ལ་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་
དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་འདི་ཟད་དོ། །ཚངས་པར་སྤྱོད་པ་ནི་བསྟེན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བསླབ་པ་གསུམ་གྱི་མདོ་རྫོགས་སོ།། །། Copyright © 2012 by the Asian Classics Input Project. All rights reserved.

Шикшатраянама сутра - Сутра трех обучений

Всем буддам и бодхисаттвам поклоняюсь! Так я слышал однажды.
Бхагаван странствуя, шествовал в местности Вайшали и придя к Обладающему соломенной хижиной, на северной стороне дома Обладающего соломенной хижиной в роще деревьев сала,
пребывал вместе с великой общиной монахов.
Затем, Бхагаван сказал монахам: «Монахи! Эти [практики] в действительности есть нравственная дисциплина. Это в действительности есть медитативная концентрация.
Это в действительности есть мудрость. Монахи! Если привыкать [в обучении] к нравственной дисциплине, будет обретено долгое пребывание в медитативной концентрации. Если привыкать к медитативной концентрации, будет обретена мудрость. Если привыкать к мудрости, то так ум истинно и исключительно полностью освободится от страстной привязанности, ненависти и неведения. В соответствии с этим благородные шраваки, чьи умы истинно и исключительно полностью свободны [от клеш] говоря: «Эти мои загрязнения исчерпаны, чистое поведение есть опора [того], эта деятельность исполнена. Из этого сансарные живые существа другие не знают», истинно и исключительно познают. Когда Бхагаван так сказал, возрадовались монахи и воочию воздали хвалу сказанному Бхагаваном. Сутра трех обучений завершена.
Категории
Без категории

Комментарии